མདུན་ངོས། • བཀའ་བསྟན། • མཚན་ཉིད། • སྒྲུབ་མཆོད། • གསུང་འབུམ། • ཆོས་འབྱུང་། • སྣ་ཚོགས།
དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་ངོ་སྤྲོད་མདོར་བསྡུས།
དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་ནི་་ཕྱི་ལོ་ ༡༣༩༩ ལོ་སྟེ། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་དགུང་ལོ་ཞེ་གསུམ་ཡས་མས་ཤིག་གི་སྐབས་སུ། རྗེ་ཉིད་ཀྱི་ཐུགས་སྲས་སྔ་ཚལ་བཞིའི་ཡ་གྱལ་མཁན་ཆེན་ངག་དབང་གྲགས་པས་མདོ་སྨད་ཕྱོགས་སུ་དགོན་པ་བརྒྱ་དང་བརྒྱད་བཏབ་པའི་ཁྲོད་ཀྱི་གཅིག་དང། རྗེ་རང་ཉིད་ཀྱི་ལུང་གིས་ཟིན་པའི་དགེ་ལུགས་དགོན་པ་ཞིག་ཡིན། སྤྱིར་དགོན་པ་གང་མང་ཞིག་ལ་མདོ་ཕྱོགས་ཀྱི་མཚན་ཉིད་རིག་པ་སློབ་གཉེར་གྱི་ལྟེ་བར་འཛིན་པའི་མཚན་ཉིད་གྲྭ་ཚང་དང་། སྔགས་ཕྱོགས་རྒྱུད་སྡེ་བཞི་སོགས་སློབ་གཉེར་གྱི་ལྟེ་བར་འཛིན་པའི་རྒྱུད་གྲྭ་བཅས་དགོན་པ་གཅིག་ལ་གྲྭ་ཚང་གཉིས་རེ་ཡོད་མོད། དམུ་དགེ་དགོན་ལ་མཚོན་ན་དམིགས་བསལ་གྱིསམཚན་ཉིད་གྲྭ་ཚང་དང་རྒྱུད་གྲྭ་སོགས་ལོགས་སུ་མེད་པར་གཉིས་ཆ་ཟུང་འབྲེལ་གྱིས་སློབ་གཉེར་བྱེད་བཞིན་ཡོད། དེའི་ཕྱིར་ཚོགས་དང་ཆོས་གྲྭ་ཧ་ཅང་ལྕི།
སློབ་གཉེར་གྱི་ཡིག་ཆ་གཙོ་བོ་རྒྱ་གར་མཁས་པའི་གཞུང་གཙོས་པའི་རྗེ་ཡབ་སྲས་གསུམ་གྱི་ཡིག་ཆ་དང། རང་ལུགས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་་སློབ་གཉེར་བྱེད་ས་གཙོ་བོ་ཡིན།
སྤྱིར་དགོན་པ་འདི་བཏབ་ནས་ལོ་དྲུག་བརྒྱ་ཡས་མས་ཤིག་འགོར་བཞིན་ཡོད་པས་བླ་བྲང་བཀྲ་ཤིས་འཁྱིལ་ལས་ལོ་ངོ་བརྒྱ་ཕྲག་འགས་སྔ་བ་ཡོད་ཀྱང་། གཞུག་ནས་ཀུན་འཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོ་ཚང་ལ་དགོན་མགོ་ཕུལ། དེ་ནས་བཟུང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་ལག་ཏུ་གྱུར། དེའི་ཕྱིར་ཆོས་གྲྭ་མཚན་ཉིད་སློབ་གཉེར་གྱི་འགྲོ་སྟངས་དང་ཆོ་ག་ཕྱག་ལེན། འབུད་རྡུང་དཀྲོལ་གསུམ་སོགས་གང་མང་ཞིག་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱག་ལེན་ཡིན།
༡ དམུ་དགེ་དགོན་གྱི་དྲ་ཚིགས་ལ་གཟིགས། དྲ་ཚིགས།
༢ དྲ་ཚིགས་འདིའི་ནང་རྩོམ་སྒྲིག་བྱེད་སྟངས། སློབ་ཚན།
༣ རྩོམ་སྒྲིག་བྱས་ཟིན་པའི་མ་ཕྱིའི་དཔེ་མཚོན་ལ་གཟིགས། དཀར་ཆག
༤ དཔེ་ཀློག་སྒེའུ་ཁུང་གི་ཨང་བརྡ་Code སྒེར་གྱི་དྲ་ཚིགས་ནང་སྤོ་ཚུལ། སློབ་ཚན།
དཔེ་ཀློག་སྒེའུ་ཁུང་གི་ངོ་སྤྲོད་མདོར་བསྡུས།
དཔེ་ཀློག་སྒེའུ་ཁུང་འདི་ནི་ BDRC ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་རིས་སུ་མ་ཆད་པའི་བོད་ཀྱི་དགོན་སྡེ་ཁག་དང་དཔེ་མཛོད། དེ་བཞིན་སློབ་གྲྭ་དང་ཚོགས་སྒེར་སུ་ཡིན་རུང་དོན་གཉེར་ཅན་ཚོར་རིན་མེད་ཀྱིས་དཔེ་ཀློག་སྒེའུ་ཁུང་རེ་བཟོ་བཞིན་ཡོད། དཔེ་ཀློག་སྒེའུ་ཁུང་འདིའི་ནང་་གི་གོ་རིམ་སྒྲིག་སྟངས་ནི། དཔེར་ན།
• དགོན་པ་ཡིན་ན་དེའི་བཤད་གྲྭ་ཁག་གི་སྦྱོང་བྱ་རྣམས་ཕྱོགས་གཅིག་ལ་བསྒྲིགས་ཡོད་པའི་དཔེ་ཀློག་སྒེའུ་ཁུང་གཅིག
• རྒྱུད་གྲྭ་ཁག་གི་སྦྱོང་བྱ་རྣམས་ཕྱོགས་གཅིག་ལ་བསྒྲིགས་ཡོད་པའི་དཔེ་ཀློག་སྒེའུ་ཁུང་གཅིག
• དགོན་དེ་དང་འབྲེལ་ཡོད་ཀྱི་གསུང་འབུམ་ཁག་གི་དཔེ་ཀློག་སྒེའུ་ཁུང་གཅིག
• དེ་བཞིན་གཞུང་སྣ་ཚོགས་འདུས་པའི་དཔེ་ཀློག་སྒེའུ་ཁུང་གཅིག་བཅས་བསྒྲིགས་ནས་བཞག་ཡོད།
དཔེ་ཀློག་སྒེའུ་ཁུང་རེ་རེའི་ནང་བཞུགས་པའི་དཔེ་ཆ་རྣམས་དོན་གཉེར་ཅན་རྣམས་ལ་སྟབས་བདེ་ཡོང་ཕྱིར། དཔེ་ཆ་རེ་ལ་པར་བཏབས་པ་(བཤེར་པར་) དང་། ཡིག་རྐྱང་ངམ་གཏགས་མའི་དཔེ་ཆ། pdf བཅས་རིགས་གསུམ་མཉམ་འཇོག་བྱས་ཡོད། དོན་གཉེར་ཅན་སུས་ཀྱང་བལྟ་ཀློག་དང་ཕབ་ལེན་བྱ་ཆོག་པར་མ་ཟད། ཡང་ང་ཚོས་བཞག་ཟིན་པའི་དཔེ་ཆ་དེའི་རྒྱུ་སྤུས་མི་བཟང་བ་དང་། ཡང་ན་ཆ་མ་ཚང་བའི་རིགས་ཡོད་ཚེ་རང་ཉིད་ཀྱིས་ཞུ་དག་དང་གསར་སྣོན། དག་སྒྲིག་བཅས་བྱ་ཐུབ། ཁྱེད་ཀྱིས་དཔེ་ཆ་ཁ་སྣོན་བྱ་འདོད་ཚེ་ངེད་ཚོགས་པ་ལ་ཐད་ཀར་འབྲེལ་བ་བྱས་ཏེ་ཁྱེད་ཀྱི་དཔེ་ཆ་དེ་ང་ཚོར་བསྐུར་ན་ང་ཚོས་ཐད་ཀར་དྲ་ཐོག་དཔེ་མཛོད་ནང་ཡར་འཇུག་བྱས་ཏེ་ཁྱེད་ཀྱི་དཔེ་ཀློག་སྒེའུ་ཁུང་ནང་བལྟ་ཐུབ་པ་བཟོ་རྒྱུ་ཡིན།
ཆོས་གྲྭའི་འཛིན་གྲྭ་བཅུ་གསུམ།
བཀའ་རམས་རྣམ་གསུམ།
- བཀའ་རམས་འཛིན་གྲྭ།
- མཛོད་འཛིན་གྲྭ།
- དབུ་མ་གསར་རྙིང་གཉིས་བཅས་སོ།།
ཕར་ཕྱིན་འཛིན་གྲྭ་བཞི་སྟེ།
- ཕར་ཕྱིན་འཛིན་གྲྭ།
- སྐབས་དང་པོའི་འཛིན་གྲྭ།
- གཞུང་གོང་མའི་འཛིན་གྲྭ།
- གཞུང་སར་འཛིན་གྲྭ་བཅས་སོ།།
བློ་རྟགས་གཉིས།
- བློ་རིག་འཛིན་གྲྭ།
- རྟགས་རིགས་འཛིན་གྲྭ་བཅས་སོ།།
བསྡུས་གྲྭ་འཛིན་གྲྭ་གསུམ་སྟེ།
- བསྡུས་ཆེན་འཛིན་གྲྭ།
- ཁ་དོག་གོང་མའི་འཛིན་གྲྭ།
- ཁ་དོག་དཀར་དམར་འཛིན་གྲྭ་བཅས་སོ།།